ཐུར་ཁེའི་སྨྱན་བྱད་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ས་ཨན་ཁཱ་ལཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་དོགས་ཡོད་མི་སྣ་དགུ་འཛིན་བཟུང་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ཆེད་དོན་འཇིགས་སྐུལ་འགུལ་སྐྱོད་སྤེལ་ནས། ཉེ་བའི་ལོ་འགའི་རིང་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་མི་སྣ་བཅུ་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཨན་ཁཱ་ལཱ་ནས་དེའི་ཁྲོད་ཀྱི་མི་དགུ་འཛིན་བཟུང་བྱས་ཡོད་ལ། གཞན་ཡང་མི་གཅིག་བྲོས་བྱོལ་བྱེད་བཞིན་ཡོད།
ཟླ་འདིའི་ཚེས་བཅུ་ཉིན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཅིག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་དོགས་ཡོད་ཉེས་ཅན་ཉེར་གཉིས་འཛིན་བཟུང་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།