སེ་ཕུའུ་ལུའུ་སིའི་ཞི་ལཱ་དང་ཐུར་ཁེའི་རིགས་རྒྱུད་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱས་ཏེ་མང་ཚོགས་ཀྱིས་གར་སོང་མ་རྙེད་པའི་མི་སྣའི་ཁུངས་སྣེ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0


ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་ཀྱི་མགོ་ཁྲིད་པའམ་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་ཐུར་ཁེ་རིགས་ཀྱི་མགོ་ཁྲིད་པ་ཐཱ་ཐཱ་ཨར་གྱིས་སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་ཞི་འཇགས་ས་ཁུལ་དུ་ཡོད་པའི་སེ་ཕུའུ་ལུའུ་སིའི་གར་སོང་རྙེད་མེད་པའི་མིའི་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་བྱས།


ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་ཞི་འཇགས་ས་ཁུལ་དུ་ཡོད་པའི་སེ་ཕུའུ་ལུའུ་སིའི་གར་སོང་རྙེད་མེད་པའི་མིའི་ཨུ་ཡོན་ལྷན་ཁང་ནས། སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་ཀྱི་མགོ་ཁྲིད་པའམ་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་ཐུར་ཁེ་རིགས་ཀྱི་མགོ་ཁྲིད་པ་ཐཱ་ཐཱ་ཨར་གྱིས་གླེང་མོལ་བྱས།

སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་ཀྱི་མགོ་ཁྲིད་པའམ་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་ཐུར་ཁེ་རིགས་ཀྱི་མགོ་ཁྲིད་པ་ཐཱ་ཐཱ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་གྲོས་མོལ་བྱས་པ་དང་། མཉམ་དུ་མང་ཚོགས་ཀྱིས་ཁུངས་སྣེ་འདོན་སྤྲོད་བྱས་ཏེ། ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་འཁྲུག་རྩོད་ཁྲོད་གར་སོང་མ་རྙེད་པའི་མི་སྣ་འཚོལ་ཞིབ་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

མགོ་ཁྲིད་པ་གཉིས་ཀྱིས་ཉིན་དེར་སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་ཞི་འཇགས་ས་ཁུལ་དུ་ཡོད་པའི་སེ་ཕུའུ་ལུའུ་སིའི་གར་སོང་རྙེད་མེད་པའི་མིའི་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་བྱས་པ་དང་། གྲོས་མོལ་བྱས་རྗེས་མཉམ་འབྲེལ་སྒོས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ། ཁོ་ཚོས་མང་ཚོགས་དག་ཨུ་ཡོན་ལྷན་ཁང་དེའི་བར་འབྲེལ་ཡོད་ཀྱི་དུར་སྦས་བྱེད་སའི་གནས་ཚུལ་སོགས་མཉམ་སྤྱོད་བྱེད་པར་མཉམ་དུ་འབོད་སྐུལ་བཏང་། བློ་གཏོད་རུང་བའི་བརྡ་འཕྲིན་གྱིས་གར་སོང་མ་རྙེད་པའི་མི་སྣའི་རུས་པ་གར་ཡོད་ཤེས་པ་དང་སྔོག་འདོན། གསལ་འབྱེད་བཅས་བྱེད་པའི་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་ཐུབ་ཟེར།

ཕྱི་ཕྱོགས་ཀྱིས་བལྟས་ན། ཕྱོགས་གཉིས་ཀྱི་སེ་ཕུའུ་ལུའུ་སིའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ལངས་ཕྱོགས་རྩ་བ་ནས་མི་འདྲ་བས། ཐེངས་འདིའི་གྲོས་མོལ་ལས་ཞི་ལཱ་དང་ཐུར་ཁེ་རིགས་རྒྱུད་གཉིས་ཀྱི་མགོ་ཁྲིད་པར་མཐུན་པོ་བྱུང་བའི་སྣང་ཚུལ་མཐོང་དཀའ་བ་ཞིག་རེད་ཟེར།

མགོ་ཁྲིད་པ་གཉིས་ཀྱིས་ད་རུང་བསྟན་དོན། གར་སོང་མ་རྙེད་པའི་མི་སྣའི་གནད་དོན་ནི་མི་ཆོས་རིང་ལུགས་ཀྱི་གནད་དོན་ཡིན་པས་ཆབ་སྲིད་ལ་སྦྲེལ་མི་རུང་། གནས་ཚུལ་དངོས་སུ་མཐོང་མཁན་གྱི་མི་མང་བོ་ཚེ་འདས་བྱས་པས། ཁྱིམ་མི་གར་ཡོད་ཤེས་འདོད་པའི་ཁྱིམ་ཚང་དག་ལ་མཚོན་ན་དུས་ཚོད་མང་བོ་མེད་ཟེར།

སེ་ཕུའུ་ལུའུ་སིའི་གར་སོང་རྙེད་མེད་པའི་མིའི་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་གསར་བ་ལྟར་ན། སེ་ཕུའུ་ལུའུ་སིའི་ཞི་ལཱ་རིགས་ལ་དེའི་སྔོན་མི་སྟོང་གཅིག་དང་ལྔ་བརྒྱ་བཅུ་གར་སོང་རྙེད་མེད་པའི་ཁྲོད་མི་བདུན་བརྒྱ་དང་ཞེ་གཅིག་གི་ཐོབ་ཐང་ངོས་འཛིན་བྱས་པ་དང་། མི་བདུན་བརྒྱ་དང་རེ་དགུ་སྔར་བཞིན་གར་སོང་རྙེད་མེད། སེ་ཕུའུ་ལུའུ་སིའི་ཐུར་ཁེ་རིགས་ཀྱི་མི་བཞི་བརྒྱ་དང་གོ་གཉིས་གར་སོང་མ་རྙེད་པའི་ཁྲོད་ཀྱི་མི་ཉིས་བརྒྱ་དང་གོ་གཉིས་ཀྱི་ཐོབ་ཐང་ངོས་འཛིན་བྱས་ཡོད་ལ། མི་ཉིས་བརྒྱ་སྔར་བཞིན་གར་སོང་རྙེད་མེད།

སེ་ཕུའུ་ལུའུ་སིའི་གར་སོང་མ་རྙེད་པའི་མི་སྣ་ནི་དུས་ཡུན་རིང་བོར་རིགས་རྒྱུད་གཉིས་ཀྱི་འབྲེལ་བར་གནོད་པའི་གནད་དོན་ཚབས་ཆེན་ཞིག་རེད། སེ་ཕུའུ་ལུའུ་སིའི་གར་སོང་རྙེད་མེད་པའི་མིའི་ཨུ་ཡོན་ལྷན་ཁང་དེ་གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་བཙུགས་པ་ཡིན་ལ། སེ་ཕུའུ་ལུའུ་སིའི་ཞི་ལཱ་དང་ཐུར་ཁེ་རིགས་རྒྱུད་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཞུགས་པའི་གནས་ཚུལ་འོག་བཙུགས་པའི་མཉམ་ལས་ལས་ཁུངས་ཤིག་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།