ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ཧྲིན་པུས་ཏི་པའོ་ནས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གིས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ལངས་ཕྱོགས་བཏོན་པའི་ཞི་བདེའི་ཇུས་གཞི་དེ་ཀྲུང་གོས་དེའི་སྔོན་བཏོན་པའི་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ལངས་ཕྱོགས་དང་གཅིག་མཐུན་དུ་གྱུར་ཡོད་ཟེར། ཨ་ཧྥེ་རི་ཁ་གླིང་གི་ཞི་བདེའི་ཇུས་གཞི་འདོན་མཁན་གཙོ་བོ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་ལངས་ཕྱོགས་དེ་ཕྱོགས་གཞན་པ་དང་ཁྱད་པར་དུ་ཀྲུང་གོས་བཏོན་པའི་ལངས་ཕྱོགས་དང་གཅིག་འདྲ་ཡིན་ཟེར།
ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་མགོ་ཁྲིད་པ་དང་ཆེད་མངག་ཕོ་ཉ་ཡིས་གྲུབ་པའི་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེའི་འཐུས་ཚབ་ཚོགས་པས་སྐབས་གཉིས་པའི་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཡང་བསྐྱར་ཨུ་རུ་སིར་འཚམས་འདྲི་བྱས་ཏེ། མུ་མཐུད་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་ལ་བར་འདུམ་བྱས། གྲོས་མོལ་བྱེད་སྐབས་ཕུའུ་ཅིན་གྱིས་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་ངོ་བོ་དང་འབྱུང་རྩ་དེར་རྒྱུས་ལོན་གསལ་བོ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ལངས་ཕྱོགས་འཛིན་པ་བསྐྱར་སྒྲོག་བྱས།
ཕུའུ་ཅིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་ནི་ནུབ་ཕྱོགས་ཀྱི་སྟོབས་ཤུགས་རེ་འགས་བསླངས་པ་ཡིན་ཞིང་། དེ་དག་གིས་ལོ་མང་བོའི་རིང་ལ་ཨུ་རུ་སིའི་བར་མཉམ་འདྲེས་འཐབ་འཁྲུག་སྤེལ་རྩིས་ཡོད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཝུའུ་ཁི་ལན་དེ་ཨུ་རུ་སིའི་བདེ་འཇགས་རྨང་གཞིར་གཏོར་བརླག་གཏོང་བ་དང་ཨུ་རུ་སིའི་འཛམ་གླིང་ཡོངས་ཀྱི་གོ་གནས་ལ་གནོད་སྐྱེལ་བའི་ཡོ་བྱད་དུ་བྱེད་རྩིས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།