ཐེ་གོའི་ལྷོ་ཕྱོགས་ས་ཁུལ་ནས་ཤོག་སྦག་གི་མཛོད་ཁང་ཞིག་ལ་འགས་གཏོར་བྱུང་ནས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།
2023.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཐེ་གོའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་དགུ་ཉིན་བསྟན་དོན། ཐེ་གོའི་ལྷོ་ཕྱོགས་ཀྱི་ནཱ་ལཱ་ཐིས་ཝ་མངའ་སྡེའི་ཤོག་སྦག་འཇོག་སའི་མཛོད་ཁང་ཞིག་ལ་ཉིན་དེར་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཟེར།

ཐེ་གོའི་ཙུང་ལིའི་བཞུགས་ཤག་གི་མགྲིན་ཚབ་པ་ལཱ་ཁྲ་ཏཱ་ཡིས་བསྟན་དོན། འགས་གཏོར་དེ་ལས་མཛོད་ཁང་གི་ཉེ་འཁོར་གྱི་ཁང་བ་བརྒྱ་ཕྲག་ལྷག་ལ་གཏོར་བརླག་ཐེབས་ཡོད། མེ་གསོད་མི་སྣས་འགས་གཏོར་ལས་བྱུང་བའི་མེ་སྐྱོན་ཚོད་འཛིན་བྱས་ཡོད་པ་དང་། ཉེ་འདབས་ཀྱི་མང་ཚོགས་ལ་རྒུད་སྐྱོབ་བྱེད་བཞིན་ཡོད། ནཱ་ལཱ་ཐིས་ཝ་མངའ་སྡེའི་ས་དེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་བསྟན་དོན། འགས་གཏོར་དོན་རྐྱེན་ལས་མིག་སྔར་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ལ། མི་བརྒྱ་དང་བཅོ་བརྒྱད་ལ་རྨས་ཕོག་ཡོད་ཟེར།

ཐེ་གོའི་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།