ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་སི་རི་ཡཱའི་ནུབ་བྱང་ས་ཁུལ་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་དང་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གི་ཁོངས་མི་བཅུ་གཉིས་བསད་ཡོད་ཟེར།
ཐུར་ཁེའི་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁུའུ་ཨར་ཏི་བཟོ་བའི་ཏང་དང་མི་དམངས་སྲུང་སྐྱོབ་དམག་དཔུང་གི་དྲག་ཆས་མི་སྣ་བཅུ་གཉིས་ཀྱིས་ཡུག་ཧྥ་ལཱ་ཏིས་ཆུ་བོའི་ཕུབ་ཅེས་པའི་འགུལ་སྐྱོད་སྤེལ་སའི་ས་ཁོངས་སུ་བརྙས་བཅོས་རང་བཞིན་གྱི་དཔུང་འཇུག་བྱས་པ་དང་། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་སི་རི་ཡཱའི་ནུབ་བྱང་ས་ཁུལ་གྱི་འགུལ་སྐྱོད་ཅིག་ལས་དྲག་ཆས་ཉེས་ཅན་བཅུ་གཉིས་ཚར་གཅོད་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།