ཨ་རབ་དངུལ་གཏོང་དང་ཕྱིར་གཏོང་ཡིད་རྟོན་འགན་སྲུང་ཀུང་ཟིས་ཉེ་སྔོན་སྤེལ་བའི་སྙན་ཞུ་ལས་བསྟན་དོན། ཨ་རབ་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་གཉིས་ལོར་བསྡོམས་པས་ཕྱི་རྒྱལ་གྱིས་ཐད་ཀར་མ་དངུལ་བཏང་བའི་ལས་གཞི་སྟོང་གཅིག་དང་དྲུག་བརྒྱ་བཅུ་བདུན་ནང་འགུག་བྱས་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་དོན་བཞི་འཕར་ཡོད། ལས་གཞི་དེ་དག་གི་སྤྱིའི་འགྲོ་སོང་མ་དངུལ་མེ་སྒོར་ཁྲག་ཁྲིག་གཉིས་ལ་བསླེབས་ཡོད་ཟེར།
ཨ་རབ་ཚོང་ལས་ཞེས་པའི་གཟའ་འཁོར་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཀུང་ཟི་དེས་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་ཨ་རབ་རྒྱལ་ཁབ་ཀྱི་དངུལ་གཏོང་ཁོར་ཡུག་གི་སྙན་ཞུ་ལས་མངོན་པ་ལྟར་ན། ན་ནི་ང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཐད་ཀར་དངུལ་གཏོང་ལས་གཞི་དགུ་བརྒྱ་དང་ཉེར་གསུམ་ནང་འགུག་བྱས་ཡོད་ལ། ཨ་རབ་རྒྱལ་ཁབ་ཁྲོད་གོ་གནས་དང་པོར་གནས་ཡོད་ཟེར།
ལས་རིགས་ལ་གཞིགས་ན། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལས་རིགས་དེ་དངུལ་གཏོང་འགྲོ་སོང་ཁྲོད་ཨང་དང་པོར་གྱུར་ཡོད་ལ། སྤྱིའི་འབོར་གྲངས་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད་པ་དང་། མཉེན་ཆས་ལས་རིགས་དེ་ལས་གཞིའི་ཁ་གྲངས་ཐད་ནས་ཆེས་མང་བོ་ཡིན་ལ། སྤྱི་གྲངས་བརྒྱ་ཆའི་བརྒྱ་ཉེར་གསུམ་དང་གྲངས་ཆུང་བཞི་ཟིན་ཡོད།
སྙན་ཞུ་ལས་བསྟན་དོན། འདས་པའི་ལོ་ངོ་ཉི་ཤུའི་རིང་། ཨ་རབ་རྒྱལ་ཁབ་ཀྱིས་རིམ་བརྩིས་ཀྱིས་ཕྱི་རྒྱལ་ནས་ཐད་ཀར་དངུལ་གཏོང་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་ལྔ་ནང་འགུག་བྱས་ཡོད་པ་དང་། ལས་གཞིའི་རྣམ་གྲངས་ཁྲི་གཅིག་དང་སྟོང་དྲུག་ལ་འབྲེལ་ཡོད་ལ། ལས་ཞུགས་གོ་སྐབས་ས་ཡ་གཉིས་ལྷག་གསར་བསྐྲུན་བྱས་ཡོད་ཟེར།
ཨ་རབ་དངུལ་གཏོང་དང་ཕྱིར་གཏོང་ཡིད་རྟོན་འགན་སྲུང་ཀུང་ཟི་དེ་གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར་ཁི་ཝེ་ཐི་ནས་བཙུགས་པ་དང་། ཨ་རབ་རྒྱལ་ཁབ་སྲིད་གཞུང་དང་ཨ་རབ་ཀྱི་དངུལ་ལོར་ལས་ཁུངས་བཞིར་དབང་བ་ཡིན་ལ། གཙོ་བོ་ཚོང་ལས་དང་ཚོང་ལས་མ་ཡིན་པའི་ཉེན་ཁར་དམིགས་ནས་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱེད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།