ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག་ལ་བསླེབས།
2023.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ། ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག་ལ་བསླེབས་ཡོད་པ་དང་། མེ་སྐྱོན་ཚད་འཛིན་བྱེད་ཐབས་མེད་པའི་གནས་དྲུག་བརྒྱ་དང་དོན་བདུན་ཡོད། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་པུའུ་ལེ་ཏེན་ཁོ་ལོམ་པུ་ཡཱ་ཞིང་ཆེན་དུ་མིག་སྔར་མེ་སྐྱོན་བྱུང་སའི་གནས་སུམ་བརྒྱ་དང་དགུ་བཅུ་ལྷག་ཡོད། ཉེ་སྔོན་ཞིང་ཆེན་དེའི་ཨོ་སོ་ཡུག་སི་གྲོང་རྡལ་ལ་ཉེ་འདབས་ཀྱི་ཨ་མེ་རི་ཁའི་ནུབ་བྱང་ཕྱོགས་ཀྱི་ཝ་ཧྲིན་ཐོན་མངའ་སྡེའི་ནགས་ཚལ་མེ་སྐྱོན་རྒྱ་ཡན་དུ་འགྲོ་བའི་ཤུགས་རྐྱེན་ཐེབས་ཡོད་ལ། ས་དེའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་གྲོང་རྡལ་ཆུང་བའི་སྡོད་དམངས་ཁྱིམ་ཚང་བརྒྱ་ལྷག་གནས་གཞན་དུ་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།