འཇར་པན་དང་ཧན་གོའི་མི་སྣས་འདུ་ཚོགས་བསྡུས་ཏེ་འཇར་པན་སྲིད་གཞུང་གིས་བཙན་ཤེད་ཀྱིས་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས།
2023.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

འཇར་པན་དང་ཧན་གོའི་སྡོད་དམངས་ཚོགས་ཁག་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཏུང་ཅིན་དུ་ཡོད་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མདུན་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་བཙན་ཤེད་ཀྱིས་ཧྥུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོར་གཏོང་བའི་འཆར་གཞིར་སྐུལ་འདེད་བཏང་བར་ངོ་རྒོལ་བྱས། འདུ་ཚོགས་ལ་ཞུགས་པའི་མི་སྣས་བསྟན་དོན། འཇར་པན་སྲིད་གཞུང་གིས་བསམ་བཞིན་དུ་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོར་གཏོང་བ་ནི་འགན་མི་རུང་བའི་བྱ་སྤྱོད་ངན་པ་ཞིག་རེད་ཟེར།

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། འཇར་པན་གྱི་མང་ཚོགས་སྐོར་ཞིག་དང་ཧན་གོའི་སྲིད་དབང་བཟུང་མེད་པའི་ཏང་གི་གྲོས་མི། གྲོང་ཁྱེར་སྡོད་དམངས་ཀྱི་ཚོགས་ཁག་གི་འཐུས་མི་བཅས་ཀྱིས་འཇར་པན་ཧྥུའུ་ཏའོ་ནས་ཀྱང་འདུ་ཚོགས་བསྡུས་ཏེ་འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོར་གཏོང་བའི་འཆར་གཞི་དེ་མྱུར་མོར་མཚམས་འཇོག་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།