སུའུ་ཏན་གྱི་ས་ཁུལ་མང་བོར་བསྟུད་མར་འཁྲུག་རྩོད་བྱུང་པ་དང་རྒྱལ་སའི་འཁྲུག་རྩོད་ས་ཁུལ་རྒྱ་ཇེ་ཆེར་སོང་ཡོད།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་དང་དེའི་ཉེ་འཁོར་གྱི་ཁཱ་ཐུའུ་མུའུ་བྱང་མ་དང་ཨིན་ཐུའུ་མན། ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་སོགས་ས་ཁུལ་དུ་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་འཐབ་འཁྲུག་གི་གཞི་རྒྱ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད། དེ་ལས་གཞན་སུའུ་ཏན་གྱི་འཕྲོད་བསྟེན་པུའུ་ཀྲང་ཧེ་སི་མུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་དོན། ཁཱ་ཐུའུ་མུའུ་མངའ་སྡེའི་སྨན་ཁང་བརྒྱ་དང་སུམ་ཅུའི་ཁྲོད་དུ་སྨན་ཁང་སུམ་ཅུ་ལྷག་གིས་མུ་མཐུད་དུ་ལས་གཉེར་བྱེད་བཞིན་ཡོད་ལ། སྨན་བཅོས་དངོས་རྫས་དཀོན་པའི་སྣང་ཚུལ་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།