ཨ་མེ་རི་ཁའི་གྲོང་ཁྱེར་མང་བོར་དྲོད་ཚད་ཆེས་མཐོ་བའི་ཟིན་ཐོ་གསར་བ་བསྐྲུན།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། ཉེ་སྔོན། ཨ་མེ་རི་ཁའི་ས་ཁུལ་མང་བོར་དྲོད་ཚད་ཆེས་མཐོ་བའི་ཟིན་ཐོ་གསར་བ་བསྐྲུན་ཡོད། ཏི་ཁི་སཱ་སི་མངའ་སྡེའི་ཨེ་ཨར་ཕཱ་སོ་གྲོང་ཁྱེར་དུ་བསྟུད་མར་ཉིན་ཞེ་བཞིའི་རིང་ཆེས་མཐོའི་དྲོད་ཚད་དྲོད་གྲངས་སོ་བདུན་དང་གྲངས་ཆུང་བདུན་ཡིན་པའི་ཟིན་ཐོ་བསྐྲུན་ཡོད་པ་དང་། ཡཱ་ལེ་སིང་ནཱ་མངའ་སྡེའི་ཧྥེ་ནེ་ཁི་སི་གྲོང་ཁྱེར་དུ་བསྟུད་མར་ཉིན་སོ་གཅིག་རིང་ཆེས་མཐོའི་དྲོད་ཚད་དྲོད་གྲངས་ཞེ་གསུམ་ལས་བརྒལ་བའི་ཟིན་ཐོ་བསྐྲུན་ཡོད།

དྲོད་ཚད་མཐོ་བའི་ནམ་ཟླའི་ཤུགས་རྐྱེན་འོག ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེ་དང་ཝ་ཧྲིན་ཐོན་མངའ་སྡེ་སོགས་རི་མེ་གང་སར་མཆེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།