ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་མགོ་བརྩམས་ནས་ལོ་ངོ་བཅུ་འགོར་བའི་དགའ་སྟོན་བྱ་འགུལ་ཕཱ་ཁི་སི་ཐན་གྱི་དབྱི་སི་ལན་པའོ་ནས་སྤེལ།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་རྒྱལ་ས་དབྱི་སི་ལན་པའོ་ནས་བྱ་འགུལ་སྤེལ་ཏེ། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་མགོ་བརྩམས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་བསྟན་དོན། བར་ཁྱམས་ཀྱི་འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དཔེར་བཟུང་སྟེ། ཕཱ་ཁི་སི་ཐན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ལས་རིགས་སོ་སོའི་མི་སྣས་བསྟན་དོན། བར་ཁྱམས་འཛུགས་སྐྲུན་བྱས་པ་ལས་འཕེལ་རྒྱས་ཀྱི་ཁེ་ཕན་མང་བོ་བསྐྲུན་ཡོད་པར་མ་ཟད། ངེས་པ་དོན་གྱིས་མཉམ་གྲོས་མཉམ་འཛུགས། མཉམ་སྤྱོད་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འདུ་ཤེས་ལག་ལེན་དུ་བསྟར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།