ཀྲུང་གུང་འཐུས་ཚབ་ཚོགས་པས་ཨེ་ཤ་ཡཱའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཀྲུང་གུང་འཐུས་ཚབ་ཚོགས་པས་ཉེ་སྔོན་སྔ་གཞུག་ཏུ་དབྱི་ལིང་དང་ཅིར་ཅི་སི་སི་ཐན། ཐུའུ་ཁུའུ་མན་སི་ཐན་བཅས་ལ་འཚམས་འདྲི་བྱས་པ་དང་། ས་དེའི་ཆབ་སྲིད་མགོ་ཁྲིད་པ་དང་སྲིད་ཏང་གི་མགོ་ཁྲིད་པ་སོགས་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། ས་དེའི་ལས་རིགས་སོ་སོའི་མི་སྣར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས།

ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་མོར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་བར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།