གསར་འགོད་པས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཀྲུང་གོའི་མི་དམངས་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཀྲུང་གོའི་མི་དམངས་དངུལ་ཁང་དང་མོང་གོལ་དངུལ་ཁང་གིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་དངུལ་ལོར་མཉམ་བརྗེ་གྲོས་མཐུན་བཀོད་པ་དང་། མཉམ་བརྗེའི་གཞི་རྒྱ་ནི་མི་དམངས་ཤོག་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དང་། མོང་གོལ་གྱི་སྒོར་མོ་ཁྲག་ཁྲིག་ཆེན་མོ་བདུན་དང་ཁྲག་ཁྲག་གཉིས་ཐེར་ཆེན་ལྔ་ཡིན་ལ། གྲོས་མཐུན་གྱི་ནུས་ལྡན་ཡུན་ཚད་ལོ་ངོ་གསུམ་རེད།
ཀྲུང་གོའི་མི་དམངས་དངུལ་ཁང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་ཕྱོགས་གཉིས་ཀྱི་དངུལ་ལོར་མཉམ་བརྗེ་གྲོས་མཐུན་ཡང་བསྐྱར་བཀོད་པ་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཕན་ཐོགས་ཡོད་ལ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་སྐུལ་འདེད་བཏང་ནས་དངུལ་ལོར་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།