ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ་ལ་སླེབས་ཡོད།
2023.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། པེ་ཅིང་གི་དུས་ཚོད་ཟླ་བརྒྱད་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ་ལ་བསླེབས་ཡོད་པ་དང་། ཚོད་འཛིན་བྱེད་དཀའ་བའི་མེ་སྐྱོན་བྱུང་ས་དྲུག་བརྒྱ་དང་ལྔ་བཅུ་ལས་བརྒལ་ཡོད་ཟེར། གནོད་འཚེ་ཐེབས་པ་ཚབས་ཆེ་བའི་པུའུ་ལེ་ཏེན་ཁོ་ལོམ་པུ་ཡཱ་ཞིང་ཆེན་དུ་མིག་སྔར་མེ་སྐྱོན་བྱུང་སའི་གནས་སུམ་བརྒྱ་དང་དྲུག་ཅུ་ལྷག་ཡོད། ཞིང་ཆེན་དེའི་ཕིན་པའོ་ཏོན་ས་ཁུལ་གྱི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་མྱུར་མོར་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བཅོ་ལྔ་དང་གྲངས་ཆུང་དྲུག་ལ་མཆེད་པ་དང་། ཉིན་གཅིག་གི་ནང་ཕལ་ཆེར་ལྡབ་གཅིག་གིས་མི་ཚད་པ་ཇེ་ཆེར་སོང་ཡོད།

ཁཱ་ནཱ་ཏཱའི་སྨྱན་བྱད་ཀྱིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཁཱ་ནཱ་ཏཱའི་སྐོར་ཐེངས་འདིའི་ནགས་ཚལ་མེ་སྐྱོན་དེ་ད་ལོའི་སྟོན་ཁའི་བར་རྒྱུན་སྲིང་སྲིད་པ་དང་། ཐ་ན་དགུན་ཁའི་བར་འགོར་ཡང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།