ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོ་འཇོག་བྱས།
2023.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་སེ་དབྱེ་ཏི་ཡིས་ཉིན་དེར་ཙུང་ལི་ནཱ་ཅེ་ལཱ་ཡི་ལས་འགན་བླངས་པ་དང་། ཧཱ་ཧྲ་ནེ་ཙུང་ལི་གསར་བར་བསྐོ་འཇོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་ཧྲ་ནེ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ཡོད་ཟེར་ཡང་། གསལ་སྒྲོག་ལས་ནཱ་ཅེ་ལཱ་ཡི་ཙུང་ལིའི་ལས་འགན་བླངས་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བོར་བཤད་མེད།

ཧཱ་ཧྲ་ནེ་ཡིས་དེའི་སྔོན་ཐུ་ནི་ཞི་ཡཱའི་ཀྲུང་དབྱང་དངུལ་ཁང་དུ་ལས་འགན་ཁུར་མྱོང་།

སེ་དབྱེ་ཏི་ཡིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བར་ནཱ་ཅེ་ལཱ་ཙུང་ལིར་བསྐོ་འཇོག་བྱས་པ་དང་། མོ་ནི་ཐུ་ནི་ཞི་ཡཱའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ལི་ཐོག་མ་ཡིན་ལ། སྔོན་ཆད་དུས་ཡུན་རིང་བོར་ཐུ་ནི་ཞི་ཡཱའི་མཐོ་རིམ་སློབ་གསོའི་ལས་ཁུངས་སུ་ལས་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།