སའི་གོ་ལའི་ལྷོ་བྱང་གཉིས་ཀྱི་རྒྱལ་ཁབ་མང་བོར་དྲོད་ཚད་མཐོ་བའི་ནམ་ཟླ་བྱུང་།
2023.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཚེས་གཉིས་ཉིན་དབྱི་རག་ཏུ་དྲོད་ཚད་མཐོ་བའི་ནམ་ཟླ་བྱུང་ཞིང་། ཉིན་དེར་དབྱི་རག་ལྷོ་ཕྱོགས་ཀྱི་ཞིང་ཆེན་མང་བོའི་དྲོད་ཚད་དྲོད་གྲངས་ལྔ་བཅུ་ཡས་མས་སུ་བསླེབས་ཡོད་ལ། དེའི་ནང་པཱ་ཧྲི་ལཱ་དང་མུའུ་སཱ་ནཱ་སོགས་ཞིང་ཆེན་བཞིའི་ས་ཁུལ་སྐོར་ཞིག་གི་དྲོད་ཚད་དྲོད་གྲངས་ང་གཉིས་ལ་བསླེབས་ཡོད། དགུན་གྱི་དུས་ཚིགས་སུ་གནས་པའི་སའི་གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཀྲི་ལི་ལའང་དྲོད་ཚད་མཐོ་བའི་སྣང་ཚུལ་བྱུང་ཡོད། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཀྲི་ལིའི་བྱང་ཕྱོགས་རི་ཁུལ་གྱི་དྲོད་ཚད་དྲོད་གྲངས་སོ་བདུན་ལ་བསླེབས། ཚེས་གཉིས་ཉིན་རྒྱལ་ས་ཧྲིན་ཏིས་ཡཱ་ཀིའི་དྲོད་ཚད་དྲོད་གྲངས་ཉེར་བཞིར་བསླེབས་པ་དང་། ལོ་རེའི་སྐབས་ཐོག་དེའི་དྲོད་གྲངས་བཅུ་དྲུག་གི་ཆ་སྙོམས་དྲོད་ཚད་ལས་མཐོ་བར་མངོན།


བསོད་ནམས་ཚེ་རིང་གིས་བསྒྱུར།