སེ་ནེ་ཀལ་གྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་ལ་སྤྱོད་སྲིད་པའི་དམག་དོན་ཐེ་གཏོགས་ནང་ཞུགས་རྒྱུའི་ཚུལ་བསྟན།
2023.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སེ་ནེ་ཀལ་གྱི་ཕྱི་འབྲེལ་བློན་ཆེན་ཨེ་ཧྲ་ཐཱ་ཡིས་ཚེས་གསུམ་ཉིན་རྒྱལ་ས་ཏཱ་ཁཱ་ཨར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་ལ་དམག་དོན་ཐེ་གཏོགས་བྱེད་ཐབས་སྤྱད་ན། སེ་ནེ་ཀལ་དེའི་ནང་ཞུགས་རྒྱུ་ཡིན་ཟེར།

ཨེ་ཧྲ་ཐཱ་ཡིས་བཤད་རྒྱུར། སེ་ནེ་ཀལ་གྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པར་ཁས་ལེན་བྱས་ཡོད་ཅིང་། དེའི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་དགོས། ད་ལྟ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ནས་བྱུང་བའི་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་རྩོད་བྱེད་པའི་བྱ་སྤྱོད་མཇུག་སྒྲིལ་དུ་འཇུག་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།