ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཅེ་ཉིང་ནས་ཕ་ལེ་སི་ཐན་གྱི་མི་གསུམ་གསད་ཟེར།
ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ཅེ་ཉིང་ལྷོ་ཕྱོགས་སུ་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་ནས། རླངས་འཁོར་ནང་གི་ཕ་ལེ་སི་ཐན་གྱི་མི་གསུམ་ཡོད་པ་ཚང་མ་བསད། མིག་སྔར་འདས་པོའི་བེམ་པོ་དབྱི་སི་རལ་གྱི་དམག་མིས་བསྡུ་ཉར་བྱས་ཡོད་ཟེར།
གཞན་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་པ་ཤེས་རྗེས་གོང་གི་འགུལ་སྐྱོད་དེ་སྤེལ་ནས་འཇབ་རྒོལ་བཀག་པ་དང་། དབྱི་སི་རལ་གྱི་དམག་མིས་རླངས་འཁོར་དེ་ལསM16རྟགས་ཅན་གྱི་མེ་མདའ་ཞིག་བསྡུ་ལེན་བྱས་ཟེར།
ད་ལོར། ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་འདུག ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཡེ་ལུའུ་ས་ལུན་བཅས་ས་ཁུལ་མང་བོ་རུ་དབྱི་སི་རལ་གྱི་དམག་མི་དང་ཕ་ལེ་སི་ཐན་པའི་བར་དུ་གདོང་ཐུག་བྱུང་ནས་མི་མང་བོ་ཤི་རྨས་བཟོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།