ལེ་པཱ་ནུན་གྱི་ནང་སྲིད་པུའུ་ཀྲང་མའོ་ལཱ་ཝེ་ཡིས་ཚེས་བདུན་ཉིན་བསྟན་དོན། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཨེ་ཡུན་ཧཱ་ལེ་ཝ་ཕཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་སའི་གནས་བབ་ཞི་འཇགས་སུ་སོང་ཡོད་ཟེར།
མའོ་ལཱ་ཝེ་ཡིས་ཚེས་བདུན་ཉིན་པེ་རུ་ཐི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨེ་ཡུན་ཧཱ་ལེ་ཝ་ཕཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་སའི་གནས་བབ་ཞི་འཇགས་སུ་སོང་ཡོད་པ་དང་། བདེ་འཇགས་སྡེ་ཁག་གིས་སྔར་བཞིན་དུ་དོན་རྐྱེན་བཟོ་མཁན་འཛིན་བཟུང་བྱེད་པར་བརྩོན་བཞིན་ཡོད་ཟེར།
མའོ་ལཱ་ཝེ་ཡིས་ནན་གྱིས་བསྟན་དོན། ལེ་པཱ་ནུན་སྲིད་གཞུང་གིས་དོན་རྐྱེན་བཟོ་མཁན་གྱི་ཉེས་ཅན་དང་རྩ་འཛུགས་གང་རུང་ལ་འགེབས་སྲུང་བྱེད་མི་སྲིད་པ་དང་། མུ་མཐུད་དུ་ཆབ་སྲིད་དང་དམག་དོན་གྱི་འབྲེལ་འདྲིས་བྱས་ནས། འབྲེལ་ཡོད་ཕྱོགས་ཀྱིས་ཡུལ་གྱར་བའི་སྒར་སའི་འཁྲུག་རྩོད་ལ་ཞུགས་པའི་མི་སྣ་བརྒྱུད་སྤྲོད་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།