ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། ནེ་ཀྲིར་གྱི་མཁའ་ཁོངས་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ཁྱིམ་མཚེས་རྒྱལ་ཁབ་ཀྱི་དམག་དོན་ཐེ་གཏོགས་དང་འཇིགས་ཉེན་ཐེབས་པའི་དབང་གིས་ནེ་ཀྲིར་གྱིས་ཉིན་དེ་ནས་བཟུང་མཁའ་ཁོངས་བཀག་སྡོམ་བྱེད་རྒྱུ་ཡིན་ལ། བཀག་སྡོམ་བཀའ་རྒྱ་དེར་འགལ་བའི་བྱ་སྤྱོད་གང་རུང་ལ་དུས་ལྟར་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།