དྲོད་ཚད་མཐོ་བའི་ནམ་ཟླ་བསྟུད་མར་བྱུང་བས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོར་ནགས་ཚལ་མེ་སྐྱོན་བྱུང་།
2023.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དྲོད་ཚད་མཐོ་བ་དང་ཐན་སྐམ་ཆེ་བའི་ནམ་ཟླའི་ཤུགས་རྐྱེན་དབང་གིས་ཉེ་སྔོན་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོར་ནགས་ཚལ་མེ་སྐྱོན་མང་དུ་བྱུང་། ཕུའུ་ཐའོ་ཡཱའི་པུའུ་ལིང་ཁུའུ་པའོ་ས་ཁུལ་དུ་ནགས་ཚལ་མེ་སྐྱོན་བྱུང་སྟེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བདུན་ཅུ་ཙམ་མེར་འཚིག་པ་དང་། མི་བཅུ་གཅིག་ལ་རྨས་ཕོག སི་ཕན་གྱི་ཨན་ཏཱ་ལུའུ་ཞི་ཡཱ་དང་ཅཱ་ཐེ་ལོ་ནེ་ཡཱ་སོགས་ས་ཁུལ་དུའང་ནགས་ཚལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་ལས་ས་ཁུལ་སྐོར་ཞིག་གི་ཆུ་དང་གློག མཉམ་འབྲེལ་དྲ་བ་སོགས་ཀྱི་ཞབས་ཞུར་ཤུགས་རྐྱེན་ཐེབས་ཡོད། དབྱི་ཐཱ་ལེའི་སཱ་ཏེན་གླིང་ཕྲན་ནས། ཚེས་དྲུག་ཉིན་གཅིག་པུར་ས་གནས་ཞེ་གཉིས་ནས་ནགས་ཚལ་མེ་སྐྱོན་བྱུང་བ་དང་། མི་དྲུག་བརྒྱ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།