ཆུ་ལོག་དང་རི་ཉིལ་བ་ལས་ཡོ་ནན་བྱང་ཕྱོགས་ས་ཁུལ་དུ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2023.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཡོ་ནན་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་བཤད་རྒྱུར། བསྟུད་མར་ཆར་བ་དྲག་པོ་བབས་པ་ལས་ཡོ་ནན་བྱང་ཕྱོགས་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་ཡོད་ལ། ཚེས་གཉིས་ཉིན་གྱི་ཚུན་ལ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག་ཡོད་ཟེར།

ཨུ་ཡོན་ལྷན་ཁང་དེས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཆུ་ལོག་དང་རི་ཉིལ་བ་ལས་ལའེ་ཀྲིག་དང་ཨན་ཕའེ། ཧྲན་ལོ། ལའོ་ཅེ། ཧི་ཅང་སོགས་ས་ཁུལ་དུ་མི་སྣར་ཤི་རྨས་བཟོས་ཡོད་པ་དང་། ཁང་ཤར་སུམ་བརྒྱ་ལྷག་ལ་གཏོར་བརླག་ཐེབས་ཡོད་པ་རེད།

ཡོ་ནན་རྒྱལ་ཁབ་ཆུ་དཔྱད་གནམ་གཤིས་སྔོན་དཔག་ལྟེ་གནས་ཀྱི་སྔོན་བརྡ་ལྟར་ན། ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར་ཡོ་ནན་བྱང་ཕྱོགས་ས་ཁུལ་དུ་ཆར་ཤ་ཡོད་པ་དང་། ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་དྲག་ཆར་འབབ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།