དབྱི་ལིང་གིས་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་བྱས་ནས་བདེ་འཇགས་དང་གཏན་འཇགས་ལ་གཏོར་བརླག་བཏང་བར་སྐྱོན་བརྗོད་བྱས།
2023.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བདུན་ཉིན་བསྟན་དོན། པའོ་སི་མཚོ་ཁུགས་དང་ཨ་མན་མཚོ་ཡི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ཐོག་མའི་བྱ་གཞག་ཅིག་ཡིན་པ་དང་། ཨ་མེ་རི་ཁས་ས་ཁུལ་དེར་དམག་དོན་བཀོད་སྒྲིག་བྱས་པ་ནི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་མ་ཡིན་པར། ས་ཁུལ་གྱི་གཏན་འཇགས་མིན་པ་དང་བདེ་འཇགས་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་ཡོད་ཟེར། ཁཱ་ནཱ་ནེ་ཡིས་བསྟན་དོན། ས་ཁུལ་དེའི་རྒྱལ་ཁབ་དག་ལ་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཡོད་པས། ཕྱི་ཕྱོགས་སྟོབས་ཤུགས་ས་ཁུལ་དེར་བཀོད་སྒྲིག་བྱེད་པའི་དགོས་པ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།