སུའུ་ཏན་གྱི་ས་ཁུལ་མང་བོར་འཁྲུག་རྩོད་དྲག་པོ་བྱུང་སྟེ་མི་ས་ཡ་བཞི་ལྷག་ཡུལ་འཁྱམས་བྱེད་དགོས་བྱུང་།
2023.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཚེས་བདུན་ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མུ་མཐུད་དུ་རྒྱལ་ས་ཁཱ་ཐུའུ་མུའུ་དང་དེའི་ཉེ་འཁོར་ས་ཁུལ་དུ་འཁྲུག་རྩོད་བྱས། ཕྱོགས་གཉིས་ཀྱིས་ཉིན་དེར་གཙོ་བོར་སུའུ་ཏན་དྲག་ཆས་དམག་དཔུང་གི་རྒྱུ་དངོས་གསོག་ཉར་རྟེན་གཞིའི་ཉེ་འདབས་ནས་འཁྲུག་རྩོད་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་འཆར་འགོད་ཁང་གིས་ཚེས་བརྒྱད་ཉིན་བསྟན་དོན། སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་དེ་ཟླ་བཞི་བར་བྱུང་བའི་ཚུན་ལ། མི་ས་ཡ་བཞི་ལྷག་སུའུ་ཏན་མངའ་ཁོངས་ནས་ས་ཁུལ་གཞན་དུ་ཡུལ་འཁྱམས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།