ཀྲུང་གུང་འཐུས་ཚབ་ཚོགས་པས་ཉེ་སྔོན་སྔ་གཞུག་ཏུ་ཁོང་གོ་དང་ཁོང་གོ་ཅིན། ཅི་པུའུ་ཐིས་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་པ་དང་། ས་དེའི་ཆབ་སྲིད་མགོ་ཁྲིད་པ་དང་སྲིད་ཏང་གི་མགོ་ཁྲིད་པར་ཐུག་འཕྲད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ནས་བརྗེ་རེས་ཟབ་མོ་བྱས།
ཕྱི་ཕྱོགས་མི་སྣས་བསྟན་དོན། ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།