ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པ་སོགས་ཕྱོགས་གསུམ་གྱི་འཐུས་ཚབ་ཚོགས་པ་ནེ་ཀྲིར་དུ་བར་འདུམ་བྱེད་པར་འགྲོ་རྩིས་བྱས་ཀྱང་དང་ལེན་མ་བྱས།
2023.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པ་བཅས་ཀྱིས་གྲུབ་པའི་འཐུས་ཚབ་ཚོགས་པ་ཚེས་བརྒྱད་ཉིན་ནེ་ཀྲིར་དུ་སོང་ནས་ནེ་ཀྲིར་རྒྱལ་ཁབ་ཀྱི་གནས་བབ་ཐད་ནས་བར་འདུམ་བྱེད་རྩིས་ཡོད་ཀྱང་། ནེ་ཀྲིར་སྲིད་འགྱུར་དམག་མིས་དང་ལེན་མ་བྱས། དེའི་རྒྱུ་མཚན་ནི་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བཀག་སྡོམ་བྱེད་ཐབས་ལ་ནེ་ཀྲིར་རྒྱལ་ནང་དུ་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པས། འཐུས་ཚབ་ཚོགས་པའི་ཁོངས་མིའི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དཀའ་བས་རེད། འཆར་གཞི་ལྟར་ན་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས་བཅུ་ཉིན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་གྲོས་ཚོགས་བསྡུས་ཏེ་གོ་རིམ་རྗེས་མའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།