ཧང་ག་རིའི་པུའུ་ཏཱ་ཕའེ་སིའི་ཉིས་སྟོང་ཉེར་གསུམ་ལོའི་གླིང་ཕྲན་དུས་ཆེན་ཚེས་བཅུ་ཉིན་རྒྱལ་ས་པུའུ་ཏཱ་ཕའེ་སིའི་པུའུ་ཏཱ་གླིང་ཕྲན་རྙིང་བ་ནས་སྤེལ་མགོ་བརྩམས། ཚོགས་ཡུན་ཉིན་དྲུག་ཡིན་པའི་བྱ་འགུལ་ཁྲོད། སྒྱུ་རྩལ་པ་རྣམས་ཀྱིས་གར་སྟེགས་ལྔ་བཅུ་ལྷག་གི་སྟེང་རྣམ་པ་སྣ་ཚོགས་པའི་རོལ་དབྱངས་དང་རིག་གནས་འཁྲབ་སྟོན་ཀུན་གྱི་མིག་སྔར་ཕུལ།
གླིང་ཕྲན་དུས་ཆེན་གྱི་རྩ་འཛུགས་མཁན་ཁཱ་ཏཱ་ཨར་ཐའོ་མཱ་ཧྲི་ཡིས་མཚམས་སྦྱོར་བྱས་དོན། རྒྱལ་ཁབ་དང་ས་ཁུལ་རེ་གཉིས་ནས་ཡོང་བའི་སྒྱུ་རྩལ་པ་འཁྲབ་སྟོན་ལ་ཞུགས་ཡོད་ལ། ད་ལོའི་གླིང་ཕྲན་དུས་ཆེན་སྤེལ་སའི་རྒྱ་ཁྱོན་ལ་ཀུང་ཆིང་དོན་དྲུག་ཡོད་པ་དང་། གནས་སྐོར་བ་ཁྲི་དགུ་ཤོང་ཐུབ་ཟེར།
གླིང་ཕྲན་དུས་ཆེན་ནི་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་གསར་བསྒྲུབ་བྱས་པ་དང་། ཡོ་རོབ་གླིང་གི་གཞི་རྒྱ་ཆེས་ཆེ་བ་དང་ཆེས་དགའ་བསུ་ཐོབ་པའི་རོལ་དབྱངས་རིག་གནས་དུས་ཆེན་ཞིག་ཏུ་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།