ནེ་ཀྲིར་སྲིད་འགྱུར་དམག་མིས་སྲིད་གཞུང་གསར་བ་བཙུགས་པ་ཁྱབ་བསྒྲགས་བྱས།
2023.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ནེ་ཀྲིར་སྲིད་འགྱུར་དམག་མིས་ཚེས་བཅུ་ཉིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་དེས་མགོ་ཁྲིད་པ་ཆི་ཡཱ་ནེ་ཡིས་བཀོད་པའི་བཀའ་རྒྱ་སྤེལ་ཏེ་སྲིད་གཞུང་གསར་བ་བཙུགས་པ་ཁྱབ་བསྒྲགས་བྱས།

བཀའ་རྒྱ་ལྟར་ན། ནེ་ཀྲིར་གྱི་སྲིད་གཞུང་གསར་བར་བསྡོམས་པས་ཁོངས་མི་ཉེར་གཅིག་ཡོད་པ་དང་། དེའི་ནང་བུད་མེད་བཞི་ཡོད། ཨ་ལི་མཱ་ཧཱ་མན་ལཱ་མེན་ཙེ་ནེ་ཙུང་ལི་རུ་བསྐོ་འཇོག་བྱས། ཁོས་སྔོན་ཆད་ཉིས་སྟོང་གསུམ་ལོ་ནས་ཉིས་སྟོང་བཅུ་ལོའི་བར་ནེ་ཀྲིར་གྱི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་མྱོང་། དེ་ལས་གཞན་སཱ་ལེ་ཧྥུའུ་མའོ་ཏིས་རྒྱལ་སྲུང་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་དུ་བསྐོ་འཇོག་བྱས་པ་དང་། མུའུ་ཧན་མའོ་ཏི་ཐུང་པཱ་ནང་སྲིད་དང་སྤྱི་བའི་བདེ་འཇགས་ཀྱི་པུའུ་ཀྲང་ལ་བསྐོ་འཇོག་བྱས།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་མི་ཉེར་གཅིག་པོ་ཚང་མ་ཙུང་ཐུང་པཱ་ཙུའུ་མུའུ་བཀག་འཇུག་མ་བྱས་སྔོན་གྱི་སྲིད་གཞུང་གི་ཁོངས་མི་མ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།