ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ཚེས་བཅུ་ཉིན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ས་ཁུལ་གྱི་རྒྱུན་གྲབས་དམག་དཔུང་གིས་ནེ་ཀྲིར་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐུའུ་ལོས་ཀྱིས་ཉིན་དེར་གྲོས་ཚོགས་མཇུག་སྒྲིལ་རྗེས་སྒྲོག་འདོན་བྱས་པའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་མུ་མཐུད་དུ་ནེ་ཀྲིར་ནས་ཉེ་སྔོན་བྱུང་བའི་སྲིད་འགྱུར་ལ་ཁ་རྡུང་དྲག་པོ་བཏང་སྟེ། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་བྲེལ་མྱུར་གྲོས་ཚོགས་ནས་བཏོན་པའི་གྲོས་ཆོད་རབ་དང་རིམ་པ་སྲུང་འཛིན་བྱེད་རྒྱུ་ནན་བཤད་བྱས།
ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་མྱུར་མོར་ས་ཁུལ་གྱི་རྒྱུན་གྲབས་དམག་དཔུང་མངག་ནས་ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་མུ་མཐུད་དུ་ཞི་བའི་བྱེད་ཐབས་ལ་བརྟེན་ནས་ནེ་ཀྲིར་གྱི་མདུན་གྱི་ལྷགས་པའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་། ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་བར་ཆད་བཟོ་བའི་མི་སྒེར་དང་རྩ་འཛུགས་གང་རུང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་ད་རུང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཆོད་དོན་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།