ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ནེ་ཀྲིར་དང་འབྲེལ་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
2023.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས་བཅུ་ཉིན་གྲོས་མཐུན་བཀོད་པའི་ནེ་ཀྲིར་དང་འབྲེལ་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཧྥ་ཅི་ཡིས་ད་རུང་ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་མཚམས་བཞག་སྟེ། མྱུར་མོར་ནེ་ཀྲིར་གྱི་ཙུང་ལི་པཱ་ཙུའུ་མུའུ་བཙོན་གྲོལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ཚེས་བཅུ་ཉིན་ས་ཁུལ་གྱི་རྒྱུན་གྲབས་དམག་དཔུང་བེད་སྤྱད་དེ་ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།