སུའུ་ཏན་ལྷོ་ཕྱོགས་ས་ཁུལ་ནས་རིགས་རྒྱུད་ཚོ་ཁག་བར་གྱི་འཁྲུག་རྩོད་བྱུང་སྟེ་མི་ལྔ་བཅུ་ཙམ་རྐྱེན་ལམ་དུ་ཤོར།
2023.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

སུའུ་ཏན་གླེང་སྟེགས་ཚགས་པར་གྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་ལྷོ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ནེ་ཡཱ་ལཱ་ནས་ཉེ་སྔོན་རིགས་རྒྱུད་ཚོ་ཁག་བར་གྱི་འཁྲུག་རྩོད་བྱུང་སྟེ། མི་ལྔ་བཅུ་ཙམ་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ས་ཁུལ་དེའི་རིགས་རྒྱུད་ཚོ་ཁག་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་སྒོ་ཕྱུགས་འཕྲོག་རྩོད་བྱས་པའི་དབང་གིས་དྲག་ཆས་འཁྲུག་རྩོད་བྱུང་བ་དང་། ད་ལྟའི་བར་ཉུང་མཐར་ཡང་མི་ཞེ་བདུན་རྐྱེན་ལམ་དུ་ཤོར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དྲག་ཆས་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཅིང་། ནེ་ཡཱ་ལཱ་གྲོང་ཁུལ་གྱི་མང་ཚོགས་མང་བོ་བྲོས་བྱོལ་བྱས་པ་དང་། རྨས་མ་མང་བོར་སྨན་མེད་པས་གནས་ཚུལ་ཅུང་ཚབས་ཆེན་རེད་ཟེར།

དེ་ལས་གཞན་སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་སྔར་བཞིན་ནེ་ཡཱ་ལཱ་དང་རྒྱལ་ས་ཁཱ་ཐུའུ་མུའུ་ནས་མུ་མཐུད་དུ་འཁྲུག་རྩོད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།