ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཁཱ་ནཱ་ཏཱ་རུ་སྔར་བཞིན་ནགས་ཚལ་མེ་སྐྱོན་བྱུང་ས་སྟོང་གཅིག་དང་བརྒྱ་ལྷག་ཡོད་པ་དང་། དེའི་ནང་མེ་སྐྱོན་ཚོད་འཛིན་བྱེད་ཐབས་བྲལ་བའི་གནས་བདུན་བརྒྱ་ལྷག་ཡོད། ཁཱ་ནཱ་ཏཱ་རུ་ད་ལོའི་ཚུན་ལ་ནགས་ཚལ་མེ་སྐྱོན་སྟོང་ལྔ་དང་དྲུག་བརྒྱ་ལྷག་བྱུང་བ་རེད། ཨ་ཨར་པའོ་ཐཱ་ཞིང་ཆེན་དུ་ནགས་ཚལ་མེ་སྐྱོན་ལས་ཞིང་ཕྱུགས་ལས་ཀྱི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད། པུའུ་ལེ་ཏེན་ཁོ་ལོམ་པུ་ཡཱ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་བསྟན་དོན། ནགས་ཚལ་མེ་སྐྱོན་དང་ཐན་པའི་དབང་གིས་ཆུའི་ཐོན་ཁུངས་ཀྱི་མཁོ་འདོན་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ལག་བསྟར་མི་བྱེད་ཐབས་མེད་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།