སོ་ཏི་ཨ་རབ་ཀྱིས་ཕཱ་ལེ་སི་ཐན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཐོག་མ་བསྐོ་འཇོག་བྱས།
2023.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སོ་ཏི་ཨ་རབ་ཀྱི་ཅོར་ཏན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་སུའུ་ཏི་ལི་ཡིས་ཚེས་བཅུ་གཉིས་ཉིན་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གི་ཕྱི་དོན་བློ་འདོན་པ་ཧཱ་ལེ་ཏིས་ལ་རྒྱལ་ཡིག་གི་བུ་ཡིག་སྤྲད་དེ། ཕཱ་ལེ་སི་ཐན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོའི་ལས་འགན་ཞོར་དུ་ཁུར། ཁོ་ནི་ཕཱ་ལེ་སི་ཐན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་པ་ཐོག་མ་ཡིན་པ་རེད། ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་ཀྱི་བྱ་སྤྱོད་དེ་ལས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་མཚོན་ཡོད་པར་འདོད། སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏི་ལི་ཡིས་ད་རུང་ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཡང་ཁུར་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།