ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་དང་པོའི་སི་ཝ་ཞི་ལིའི་ཡིག་རིགས་ཀྱི་པར་གཞི་འགྲེམ་སྤེལ་བྱེད་པ་དང་ཀྲུང་གོ་དང་ཁུན་ནེ་ཡཱའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ནེ་ལོ་པུས་ནས་བསྡུས།
2023.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས་བཅུ་བཞི་ཉིན། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་དང་པོའི་སི་ཝ་ཞི་ལིའི་ཡིག་རིགས་ཀྱི་པར་གཞི་དངོས་སུ་འགྲེམ་སྤེལ་བྱེད་པ་དང་ཀྲུང་གོ་དང་ཁུན་ནེ་ཡཱའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ནེ་ལོ་པུས་ནས་བསྡུས། ཚོགས་ཞུགས་སྐུ་མགྲོན་དང་ཆེད་མཁས་པ་དག་གིས་བལྟས་ན། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དཔེ་ཆ་དེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་ཐབས་ཇུས་གཅིག་བསྡུས་ཀྱིས་མཚོན་ཡོད། དཔེ་ཆ་གསར་བ་པར་འགྲེམ་བྱས་པ་ལས་ཨ་ཧྥེ་རི་ཁ་གླིང་གི་ཀློག་པ་པོས་ཀྲུང་གོའི་སྐྱོད་ལམ་གྱི་ལོ་རྒྱུས་བརྒྱུད་རིམ་དང་རིག་གནས་རྨང་གཞི་དང་། ཀྲུང་གོ་གུང་ཁྲན་ཏང་སུའི་ཆེད་དང་སུ་ལ་བརྟེན་པའི་སྲིད་འཛིན་འདུ་ཤེས། དེ་མིན་སྔར་ལས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཀྲུང་གོའི་བློ་གྲོས་བཅས་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་ཐུབ་པར་འདོད།

ཉིན་དེར་ཀྲུང་གོ་དང་ཁུན་ནེ་ཡཱའི་འབྲེལ་ཡོད་ཕྱོགས་ཀྱིས་ད་རུང་ཁུན་ནེ་ཡཱའི་ཀྲུང་གོའི་གློག་བརྙན་དུས་ཆེན་སོགས་རིག་གནས་བརྗེ་རེས་བྱ་འགུལ་རབ་དང་རིམ་པ་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།