ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨ་ཧྥེ་རི་ཁ་གླིང་རྒྱང་སྒྲོག་མནའ་འབྲེལ་གྱིས་མཉམ་དུ་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་ཨ་ཧྥེ་རི་ཁ་གླིང་གི་གྲོགས་པོ་ཞེས་པའི་སྨྱན་བྱད་མཉམ་ལས་གླེང་སྟེགས་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་སྤེལ། གླེང་སྟེགས་དེས་དཔལ་ཡོན་དཔེར་འཛིན་ལ་མཉམ་གྲོས་བྱས་ཏེ་མ་འོངས་གསར་གཏོད་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཉེར་བདུན་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། སྨྱན་བྱད་ལས་ཁུངས་ཀྱི་འགན་ཁུར་བ། ཆེད་མཁས་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་འཐུས་མི་བཅས་དྲ་ཐོག་དང་ཡུལ་དངོས་ཟུང་དུ་འབྲེལ་བའི་ཐབས་ཀྱིས་གླེང་སྟེགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།