ཕའེ་ནེ་ཡཱ་ཡིས་དམ་བཅའ་བཞག་སྟེ་པཱ་ལཱ་ཀུའེ་ཡི་ཙུང་ཐུང་གི་འགན་ཁུར།
2023.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཕའེ་ནེ་ཡཱ་ཡིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་པཱ་ལཱ་ཀུའེ་ཡི་རྒྱལ་ས་ཡཱ་སུང་སིན་ནས་དམ་བཅའ་བཞག་སྟེ་པཱ་ལཱ་ཀུའེ་ཡི་སྐབས་གསར་བའི་ཙུང་ཐུང་གི་འགན་ཁུར་བ་དང་། འགན་ཡུན་ལོ་ངོ་ལྔ་རེད།

ཕའེ་ནེ་ཡཱ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས། སློབ་གསོ་དང་འཕྲོད་བསྟེན། བདེ་སྲུང་། དབུལ་སེལ་སོགས་ཀྱི་ཐད་ནས་བཅོས་བསྒྱུར་བྱེད་ཐབས་མང་བོར་སྭལ་འདེད་བཏང་སྟེ། པཱ་ལཱ་ཀུའེ་ཡི་མི་དམངས་ཡོངས་ལ་ཕན་བདེ་བསྐྲུན་རྒྱུ་ཁས་ལེན་བྱས།

ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། སྲིད་འཛིན་ཏང་གི་ཚབ་བྱེད་པའི་ཕའེ་ནེ་ཡཱ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས། པཱ་ལཱ་ཀུའེ་ཡི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད།

ཕའེ་ནེ་ཡཱ་ནི་གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོར་སྐྱེས་པ་དང་། པཱ་ལཱ་ཀུའེ་ཡི་ཀྲུང་དབྱང་དངུལ་ཁང་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་སོགས་ལས་ཁུངས་སུ་ལོ་མང་བོར་བྱ་བ་བསྒྲུབ་མྱོང་ལ། ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་པཱ་ལཱ་ཀུའེ་ཡི་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།