ཨུ་རུ་སིའི་འགྱེད་འཕྲོ་དང་རྫས་འགྱུར། སྐྱེ་དངོས་འགོག་སྲུང་དམག་དཔུང་གི་དམག་སྤྱི་ཅི་ལི་ལོ་ཧྥུའུ་ཡིས་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་སྐྱེ་དངོས་དམག་དོན་བྱ་འགུལ་གྱི་རྟོག་ཞིབ་གནས་ཚུལ་ཐད་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཅི་ལི་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་འབྲེལ་ཡོད་ལས་གཞི་ལས་གཙོ་བོ་སྦས་ཤུགས་ཆེ་བའི་སྐྱེ་དངོས་མཚོན་ཆ་དང་འབྲེལ་བའི་ནད་དུག་དང་ཕྲ་ཕུང་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ལ་ཐོབ་པའི་ཡིག་ཆ་ལས་མངོན་པ་ལྟར་ན། ཏི་ཐི་ལི་ཁི་པའོ་རུ་ཡོད་པའི་ཨ་མེ་རི་ཁའི་སྐམ་དམག་གི་འགོ་ནད་ཞིབ་འཇུག་ཁང་དེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོ་ནས་ཉེན་ཁ་ཆེ་བའི་ནད་དུག་གི་རྟེན་འཚོལ་སྡུད་བྱེད་པ་དང་ཐོ་འགོད་བྱས་མེད་པའི་སྨན་རྫས་ཚོད་ལྟ་བྱེད་པ་སོགས་ཀྱི་བྱ་འགུལ་ལ་ཐད་ཀར་དུ་ཞུགས་མྱོང་བ་དང་། དེའི་ནང་ཝུའུ་ཁི་ལན་ནས་ལག་བསྟར་བྱས་པའི་སྐྱེ་དངོས་ལས་གཞིའང་འདུས་ཡོད་པ་རེད། ཅི་ལི་ལོ་ཧྥུའུ་ཡིས་བཤད་རྒྱུར། ཟུར་ལྔའི་ཐོག་ཁང་ཆེན་མོས་ནད་ཡམས་དང་རིམས་ནད་བསྐྱེད་པའི་ནད་དུག་ལ་ཞིབ་འཇུག་བྱེད་པར་སྤྲོ་བ་ཡོད་པ་དང་། ཨ་མེ་རི་ཁའི་སྐྱེ་དངོས་སྨན་རྫས་ཀུང་ཟིར་དེ་ལས་ཁེ་ཕན་ཐོབ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།