ཧན་གོའི་རིན་ཁྲོན་གྲོང་ཁྱེར་གྱི་ཉ་པ་སྐོར་ཞིག་གིས་ཉེ་སྔོན་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། ཉ་པ་དག་གིས་གྲུ་གཟིངས་བསྐོར་ནས་མཚོ་ཐོག་ཏུ་སྐོར་གཡེང་བྱས་ཏེ། འཇར་པན་སྲིད་གཞུང་གིས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོར་གཏོང་བའི་འཆར་གཞིར་བཙན་གྱིས་སྐུལ་འདེད་བཏང་བར་ངོ་རྒོལ་བྱས་པ་དང་། དེའི་ཞོར་དུ་ཧན་གོའི་སྲིད་གཞུང་གིས་ཐབས་ཇུས་གཏན་འབེབས་བྱས་ནས། ཉ་པ་དག་གི་འཚོ་སྡོད་དབང་ཆར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།