མཉམ་འབྲེལ་སྲིད་གཞུང་ནང་ཁུལ་དུ་འགལ་བ་ཚབས་ཆེན་ཡོད་པའི་དབང་གིས་ལཱ་ཐའོ་ཝེ་ཡཱའི་ཙུང་ལི་ཁཱ་ལིན་སི་ཡིས་ཚེས་བཅུ་བདུན་ཉིན་ཙུང་ཐུང་ལིན་ཁི་ཝེ་ཆི་སི་ལ་ལས་སྐྱུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད་པ་དང་། དེ་ལས་ཁཱ་ལིན་སིའི་སྲིད་གཞུང་གིས་དངོས་སུ་ལས་འགན་བསྐྱུར་བ་མཚོན་ཡོད།
ཁཱ་ལིན་སི་ཡིས་ལས་སྐྱུར་དགོངས་ཞུའི་སྙན་ཞུ་སྤྲད་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ལིན་ཁི་ཝེ་ཆི་སི་ཡིས་སྐབས་གཉིས་ཀྱི་ཙུང་ལིའི་ལས་འགན་ཁུར་བའི་ཁཱ་ལིན་སི་ཡིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཆེད་དུ་བསྒྲུབ་པའི་བྱ་བར་བཀའ་དྲིན་ཞུས། ལིན་ཁི་ཝེ་ཆི་སི་ཡིས་བཤད་རྒྱུར། ཁོས་གཟའ་འཁོར་རྗེས་མར་གྲོས་ཁང་གི་སྲིད་ཏང་ཚང་མའི་བར་གྲོས་མོལ་བྱས་ཏེ། ཙུང་ལི་གསར་བའི་འདེམ་སྒུག་མི་སྣ་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར།
ཁཱ་ལིན་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཁོ་ཡོད་སའི་གཅིག་གྱུར་ཏང་ཁག་གསར་བས་ཕན་བདེའི་ལས་དོན་གྱི་པུའུ་ཀྲང་ཞི་ལེ་ནེ་ཡཱ་ཙུང་ལི་གསར་བའི་འདེམ་སྒུག་པར་མིང་འདོན་བྱས་ཡོད་པར་མ་ཟད། རང་ཉིད་ཆབ་སྲིད་སྟེགས་བུ་དང་འབྲལ་རྩིས་མེད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།