ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གིས་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་བར་ཞལ་འདེབས་འབུལ་བའི་གྲོས་མཐུན་བཀོད།
ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་ཀྲུའུ་རིན་ཙུན་ཅི་ཞིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་བྱ་བར་གཟེངས་བསྟོད་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ལས་འགན་ལག་བསྟར་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། སྔ་མོ་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་དེ་དྲང་བདེན་གྱིས་རྩ་བ་ནས་ཐག་གཅོད་བྱེད་པ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་མངོན་འགྱུར་བྱེད་ཆེད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་གྲོགས་པོའི་འབྲེལ་བའི་པུའུ་ཡི་ཀྲུའུ་རིན་ཁཱ་ལི་མུའུ་ཡིས་ཀྲུང་གོའི་སྲིད་གཞུང་གིས་བསྟུད་མར་བཟོ་སྐྲུན་ཁྲུའུ་ཡི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་ཕུལ་ནས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་འཚོ་བར་འགན་སྲུང་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།