སུའུ་ཏན་གྱི་ས་ཁུལ་མང་བོར་མུ་མཐུད་དུ་འཁྲུག་རྩོད་བྱུང་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དཀའ་ཁག་ལ་འཕྲད་ཡོད།
2023.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས་བཅུ་བདུན་ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མུ་མཐུད་དུ་རྒྱལ་ས་ཁཱ་ཐུའུ་མུའུ་འདུས་པའི་ས་ཁུལ་མང་བོ་ནས་འཁྲུག་རྩོད་དྲག་པོ་བྱས། ཉིན་དེར་ཕྱོགས་གཉིས་ཀྱི་ཏཱ་ཨར་ཧྥུའུ་ཨར་ལྷོ་མ་མངའ་སྡེའི་ནེ་ཡཱ་ལཱ་གྲོང་ཁྱེར་གྱི་འཁྲུག་རྩོད་བྱུང་ནས་ཉིན་བདུན་འགོར་ཡོད་ལ། ས་དེའི་ཆུ་གློག་མཁོ་འདོན་དང་དྲ་རྒྱའི་འཕྲིན་གཏོང་ཞབས་ཞུ་མཚམས་ཆད་ནས་ཉིན་འགའ་འགོར་ཡོད། དབུས་ཕྱོགས་ཀྱི་ཁི་ཨར་ཏའོ་ཧྥན་ས་ཁུལ་གྱི་འཁྲུག་རྩོད་དེ་ཡང་རྒྱ་བསྐྱེད་དང་ཛ་དྲག་ཏུ་འགྱུར་བའི་རྣམ་པ་མངོན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་དེ་ཟླ་བཞི་བར་བྱུང་བའི་ཚུན་ལ། སུའུ་ཏན་ནས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐེངས་བཅུ་བདུན་བྱུང་ནས། རྒུད་སྐྱོབ་མི་སྣ་བཅུ་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།