ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་དབྱིན་ཇིའི་མི་ང་བཞིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས། ཁོ་ཚོ་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱིན་ཇི་ཡིས་ལག་བསྟར་བྱས་པའི་ཨུ་རུ་སིར་ངོ་རྒོལ་བྱེད་པའི་སྲིད་ཇུས་དང་ཨུ་རུ་སིའི་སྤྱི་དམངས་དང་དང་ཨུ་རུ་སིའི་རྒྱལ་ནང་གི་ཚོང་གཉེར་དངུལ་གཏོང་མཁན་གྱི་ཕྱོགས་གཅིག་གི་བཀག་སྡོམ་བཅས་ལ་རྒོལ་ལན་སྤྲོད་ཆེད། ཨུ་རུ་སིའི་ཕྱོགས་ཀྱིས་དབྱིན་ཇིའི་ཆབ་སྲིད་ལས་ཁུངས་དང་དྲག་ཤུགས་སྡེ་ཁག བཅའ་ཁྲིམས་ལས་རིགས། གསར་འགྱུར་ལས་རིགས་བཅས་ཀྱི་མི་སྣ་ང་བཞི་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ལྟར་ན། རང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱས་པའི་མི་སྣའི་གྲས་སུ་དབྱིན་ཇིའི་རིག་གནས་དང་སྨྱན་བྱད། ལུས་རྩལ་བཅས་ཀྱི་བློན་ཆེན་ཧྥོ་ལོས་ཙི་དང་། དབྱིན་ཇིའི་རྒྱལ་སྲུང་པུའུ་ཡི་རྒྱལ་སྲིད་བློན་ཆེན་ཀི་ཨར་ཏིས། དེ་མིན་དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟི་དང་མན་ཁྲུ་སི་ཐི་ཝེ་ཚགས་པར་སོགས་སྨྱན་བྱད་མི་སྣ་བཅས་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།