ཨུ་རུ་སིའི་དཔོན་རིགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཁུའུ་ཨར་སི་ཁི་མེ་འཁོར་འབབ་ཚིགས་ལ་ཉིན་དེར་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས་མེ་སྐྱོན་བྱུང་། དེ་ལས་མི་ལྔར་རྨས་ཡང་མོ་ཕོག་ཡོད། ཚེས་བཅུ་དགུ་ཉིན་དང་ཚེས་ཉི་ཤུ་ཉིན་མའོ་སི་ཁོ་གྲོང་ཁྱེར་དང་མའོ་སི་ཁོ་མངའ་སྡེ་ལ་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་།ཨུ་རུ་སིའི་མཁའ་སྲུང་མ་ལག་དང་གློག་རྡུལ་སྒྲིག་ཆས་ཀྱིས་ཕམ་ཉེས་སུ་བཏང་ཡོད་ཟེར།
ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་མི་སྣ་དང་དམག་ཆས་གཅིག་བསྡུས་ས་ཁུལ་སོགས་སུ་ཆམ་ཕབ་བཏང་བ་ཡིན་ཟེར། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ལེ་ཙི་ནེ་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་གནམ་གྲུའི་ཁ་ལོ་བས F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་གསོ་སྦྱོང་དང་ལེན་བྱེད་མགོ་བརྩམས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།