ཨ་མེ་རི་ཁའི་ཝ་ཧྲིན་ཐོན་མངའ་སྡེ་རི་མགོའི་མེ་སྐྱོན་མཆེད་པའི་དབང་གིས་བྲེལ་མྱུར་རྣམ་པར་གནས་ཡོད།
2023.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཁཱ་ནཱ་ཏཱ་དང་འདབས་འབྲེལ་དུ་ཡོད་པའི་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་མངའ་སྡེ་རུ་ཉེ་སྔོན་གནས་མང་བོ་ནས་ནགས་ཚལ་མེ་སྐྱོན་བྱུང་བ་དང་། ཚེས་ཉི་ཤུ་ཉིན་བར་མེ་སྐྱོན་ཆེན་མོ་ལས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཁང་ཤར་ཉིས་བརྒྱ་ལྷག་ལ་གཏོར་བརླག་ཐེབས་ཡོད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མེ་སྐྱོན་བྱུང་སའི་གནས་མང་བོའི་མེ་སྐྱོན་ལ་ཚོད་འཛིན་བྱེད་དཀའ་བར་གྱུར་ཡོད་ལ། ས་ཁུལ་སྐོར་ཞིག་གི་གཞུང་ལམ་འགྲིམ་འགྲུལ་ལ་བར་ཆད་ཐེབས་ཡོད་ཟེར། ཝ་ཧྲིན་ཐོན་མངའ་སྡེ་ཡིས་བྲེལ་མྱུར་དོགས་ཟོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།