སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་འཕུར་མདའ་བཀོལ་ནས་སི་རི་ཡཱའི་རྒྱལ་སའི་ཉེ་འཁོར་ས་ཁུལ་དུ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2023.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས་ནས། སི་རི་ཡཱའི་དམག་མི་གཅིག་ལ་རྨས་ཕོག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔའི་ཡས་མས་སུ། དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་ཕྱོགས་ནས་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ཀྱི་ས་ཁུལ་འགར་འཕུར་མདའི་འཇབ་རྒོལ་བྱས་ནས། སི་རི་ཡཱའི་དམག་དོན་མི་སྣ་གཅིག་ལ་རྨས་ཕོག་པ་དང་དམག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཟེར། གསལ་སྒྲོག་ལས་འཇབ་རྒོལ་ཐེབས་སའི་གནས་བྱེ་བྲག་ཏུ་གསལ་བཤད་བྱས་མེད།

ཏཱ་མཱ་ཧྲི་ཀི་གྲོང་ཁུལ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་ཐུབ།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་སི་རི་ཡཱ་རུ་དབྱི་ལིང་གི་དམག་དཔུང་བཅའ་སྡོད་བྱེད་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།