འཇར་པན་མང་ཚོགས་ཀྱིས་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མདུན་ནས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱས།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

འཇར་པན་སྲིད་གཞུང་གིས་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཚེས་ཉེར་བཞི་ཉིན་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་བྱ་བ་མགོ་རྩོམ་རྒྱུ་ཡིན་ཟེར། འཇར་པན་གྱི་མང་ཚོགས་མང་བོས་ཉིན་དེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མདུན་དུ་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་ཁྱབ་རྒྱ་ཆེ་བའི་ངོ་རྒོལ་འབོད་སྒྲ་སྣང་མེད་དུ་བསྐྱུར་ནས། བཙན་ཤེད་ཀྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་ལག་བསྟར་བྱས་པར་ངོ་རྒོལ་བྱས།

འཇར་པན་རྒྱལ་ཡོངས་ཉ་གསོ་ལས་རིགས་མཐུན་ཚོགས་མཉམ་འབྲེལ་ཚོགས་པས་ཚེས་ཉེར་གཅིག་ཉིན་བསྐྱར་སྒྲོག་བྱས་དོན། མང་ཚོགས་ཀྱི་བཟོད་སྒོམ་ཐོབ་མེད་པའི་གནས་ཚུལ་འོག་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཧྥུའུ་ཏའོ་ལས་རིགས་སོ་སོའི་མི་སྣས་ཉིན་དེར་སྤེལ་བའི་ཆེད་དོན་སྒོར་ཅོག་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས་འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་འཆར་གཞི་མཚམས་འཇོག་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།