རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བར་རེ་སྒུག་བྱེད་པའི་ཚུལ་བསྟན།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བ་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་བསྡུས། ཕྱི་རྒྱལ་གྱི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་རེ་འགས་ཐེངས་འདིའི་གྲོས་མོལ་ལ་རེ་སྒུག་བྱེད་པའི་ཚུལ་བསྟན་པ་དང་། གྲོས་མོལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ལས་ནུས་པ་གལ་ཆེན་འདོན་སྤེལ་ནས་ནས། སྔར་ལས་དོ་མཉམ་པའི་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།