ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏིའི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གི་མི་སྣ་དྲུག་བསད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ་ནས། དྲག་ཆས་མི་སྣ་དེ་དག་གིས་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།
ཐུར་ཁེའི་དམག་ཕྱོགས་ཀྱིས་བཤད་རྒྱུར། མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཉེ་སྔོན་མེ་ཤུགས་བཀོལ་ནས་ཐུར་ཁེས་ཚོད་འཛིན་བྱེད་པའི་སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།