ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་མི་སྣ་བཅུ་གཉིས་འཛིན་བཟུང་བྱས།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཐུར་ཁེའི་སྨྱན་བྱད་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ནུབ་ཕྱོགས་ཀྱི་པུའུ་ཨར་སཱ་གྲོང་ཁྱེར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་དོགས་ཡོད་མི་སྣ་བཅུ་གཉིས་འཛིན་བཟུང་བྱས་ཟེར།

བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་ཡན་ལག་རུ་ཁག་གིས་ཉིན་དེའི་ཞོགས་པར་དོགས་ཡོད་མི་སྣའི་སྡོད་སར་གློ་བུར་དུ་འཇབ་རྒོལ་བྱས། ཕྱི་རྒྱལ་གྱི་དོགས་ཡོད་མི་སྣ་བཅུ་གཉིས་འཛིན་བཟུང་བྱས་པ་ལས་གཞན། ཉེན་རྟོག་ཕྱོགས་ཀྱིས་ད་རུང་གྲངས་ལྡན་སྒྲིག་ཆས་སོགས་དོགས་ཡོད་དངོས་རྫས་གཞུང་བཞེས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།