ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལེ་ནཱ་ཧཱ་དབྱང་གིས་ཚེས་ཉེར་བཞི་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མིའི་རིགས་ཀྱི་མ་འོངས་པའི་འཕེལ་རྒྱས་ཀྱི་ཐུན་མོང་རེ་འདུན་ལ་ཡི་རང་བྱེད་བཞིན་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པར་གདན་ཞུ་བྱེད་པའི་ཆོད་དོན་དེར་གཟེངས་བསྟོད་བྱེད་བཞིན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕྱོགས་སོ་སོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་འཛམ་གླིང་ཡོངས་ཀྱི་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའམ་ཙུང་ལི། ཏིས་པེད་ཚོ་དཔོན་ཨ་ལེ་མཱ་ཁི་ཐུའུ་མུའུ་ཡིས་ཚེས་ཉེར་བཞི་ཉིན་དྲ་ཐོག་ནས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པའི་གདན་ཞུ་ཐོབ་པ་དང་། དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་འཛུགས་བྱེད་པའི་ལྟ་ཚུལ་དང་གཅིག་མཐུན་ཡིན། ཕྱིན་ཆད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།